སྲུང་སྐྱོབ་ས་ཁོངས།

ཉམས་སྲུང་འབད་དེ་ཡོད་པའི་ས་ཁོངས་འདི་ རང་བཞིན་དང་ལམ་སྲོལ་ དེ་ལས་ མི་སྡེ་མཐུན་ལམ་གྱི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ དཔལ་འབྱོར་གྱི་ཐད་ཁར་ བརྩི་མཐོང་ཅན་གྱི་ཅ་ཆས་དང་ཞབས་ཏོག་ཚུ་ མི་སྡེ་ལུ་ཕན་ཐོགས་ཡོདཔ་མ་ཚད་ འཚོ་བའི་གནས་སྟངས་དང་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྲུབ་ནི་ལུ་ཡང་ ལྷན་ཐབས་འབདཝ་ཨིན་མས། དེ་མ་ཚད་ ཉམས་སྲུང་འབད་ཡོད་པའི་ས་ཁོངས་ཚུ་ གནམ་གཤིས་འགྱུར་བགྲོད་ཀྱི་ ཚོད་དཔག་མ་ཚུགས་པའི་ གནོད་པ་ཚུ་ བཀག་ཐབས་ལུ་ གལ་ཆེ་ཤོས་ཅིག་ཨིན། ཉམས་སྲུང་འབད་ཡོད་པའི་ས་ཁོངས་ཚུ་གི་ཐོག་ལུ་ལཱ་འབད་ནིའི་ CBD ལས་རིམ་འདི་གིས་ འཛམ་གླིང་ནང་ལུ་ རྒྱལ་ཡོངས་དང་ལུང་ཕྱོགས་ཉམས་སྲུང་འབད་ཡོད་པའི་ས་ཁོངས་ལམ་ལུགས་ཚུ་ ཡོངས་སུ་རྫོགས་པ་དང་ ཕན་ནུས་ཅན་སྦེ་ འཛིན་སྐྱོང་འཐབ་ཚུགས་མི་ དེ་ལས་ ཡུན་བརྟན་གྱི་མ་དངུལ་རྒྱབ་སྐྱོར་འབད་མི་ཚུ་ བཟོ་ནི་གི་དོན་ལུ་ འཛམ་གླིང་ནང་ལུ་ ངོས་ལེན་འབད་མི་གཞི་བཀོད་ཅིག་ བྱིནམ་ཨིན།

1 བསམ་འཆར་   


randy.houlahan@cbd.intrandy.houlahan@cbd.int2yr 

What are our protected ares within our Country?